Wednesday, July 28, 2010

བྲོས།


























ཆགས་སྡང་མདུང་སོ་རྣོ་བ་སྲིད་ཀྱི་ཁབ།།
འཇིགས་ནས་ཐུབ་པ་ཆེན་པོ་ནགས་སུ་བྲོས།།

དགྲ་འདུལ་གཉེན་སྐྱོང་འདི་སྣང་སོ་ཚིས་ལ།།
འཇིགས་ནས་མི་ལ་རས་པ་གངས་སུ་བྲོས།།

ཏཱ་མིང་རྒྱལ་པོའི་གསེར་གྱི་མགྲོན་ཤོག་ལ།།
འཇིགས་ནས་ཙོང་ཁ་པ་དེ་རི་ལ་བྲོས།།

གཏིང་དུ་གནག་པའི་སྲིད་ཀྱི་ཡོ་ལངས་ལ།།
ཆོས་པ་ཕལ་ཆེར་དབེན་པའི་གནས་སུ་བྲོས།།

དེ་ལྟར་བྲོས་པའི་རྣམ་ཐར་མཐོང་བའི་ཚེ།།
བྲོས་པར་འདོད་ཀྱང་གར་བྲོས་འདི་བྲོས་མེད།།

4 comments:

Anonymous said...

བྲོས་དགོས་མེད་དུས་གར་བྲོས་འདི་བྲོས་དང༌༎།
འགྲོ་དགོས་མེད་དུས་གར་འགྲོ་འདི་འགྲོ་མེད༎
བྲོས་དགོས་བྱུང་ན་ཐམས་ཅད་བྲོས་ལམ་སྟེ༎
གཡང་གཟར་བྲག་དང་རྒྱ་མཚོའི་མཐིལ་ལ་ཡང༌༎

ཤེས་རབ།

གཤེན་རུ་མ། said...

གནོན་ཤུགས་ཤིག་གིས་བྱང་ནས་ལྷོ་རུ་བྲོས།།
འདོད་རྔམ་ཞིག་གིས་ཤར་ནས་ནུབ་ཏུ་བྲོས།།
བྲོས་དགོས་ཅན་ལ་བྲོས་ལམ་མང་མོད་ཀྱང་།།
བྲོས་པས་བྲོས་པའི་མཐའ་ལ་ཐུག་དུས་མེད།།
ཧཧཧཧཧཧཧཧཧ།

Anonymous said...

འདོད་རྔམ་ཆེ་ཞིང་བསོད་ནམས་ཆེ་བ་རྣམས༎
ནུབ་ཕྱོགས་ཨ་རི་དག་པའི་ཞིང་དུ་བྲོས༎
འདོད་རྔམ་ཆེ་ཡང་བསོད་ནམས་དམན་པ་རྣམས༎
ལྷོ་ཕྱོགས་རྒྱ་གར་ཚ་བའི་ཡུལ་དུ་ལུས༎
ཧཧཧཧཧ སྐུུ་རྩེད་རང་ཡིན་ད། དགེ་འདུན་ལ་སྐྱབས་སུ་མཆིའོ།

འོ་རེད། ད་ལྟའི་ཟིན་བྲིས་བཟོ་ལྟ་དང་ཡི་གེ་དེ་ཚོ་དཔེ་ཡག་པོ་རེད་འདུག

ཤེས་རབ།

གཤེན་རུ་མ། said...

རྒྱ་ལོ་དོན་འགྲུབ་རྒྱ་སྒོར་ཆེད་དུ་བྲོས།།
བོད་ལོ་དོན་འགྲུབ་ཨ་སྒོར་ཆེད་དུ་བྲོས།།
༸ཁོང་དང་ང་གཉིས་འཕགས་ཡུལ་ནགས་ཀློང་ན།།
དཔོན་དང་འབངས་ཀྱིས་སྐྱིད་པའི་འཚོ་བ་བསྐྱལ།།
ཧཧཧཧཧཧ། ཀུ་རེ་འདི་རིགས་ལ་དགའ་བའི་ཚོད་མེད་པས་འབྲི་རོགས་ཤིག་བྱུང་ཚེ་མི་འབྲི་རང་དབང་མི་འདུག

གྲོགས་ཤེས་རབ་ལགས། ཁྱོད་ཀྱིུས་ངའི་ཟིན་བྲིས་སུ་སྐབས་སྐབས་སུ་སྐོར་གཡེངས་བྱས་པར་དགའ་བསུ་དང་སྤོབས་པའང་སྐྱེ་གིན་བསྡད་ཡོད།
ཟིན་བྲིས་འདི་བཟོ་བཀོད་ཀྱི་ཆ་ནས་བློ་ཁ་འགེངས་ཀྱིན་ཡོད་ཀྱང་རྩོམ་ཆོས་ཀྱི་རྒྱུ་ཆ་ཞན་པ་དང་གྲངས་ཀ་ཉུང་བ་སོགས་ཀྱིས་མི་ལ་བསྟན་ན་ངོ་ཚ་གི་འདུག དངོས་གནས།